གཙོ་ངོས། / ཤེས་ཡོན་དང་འབྲེལ་བའི་ལས་གཞི།

ཤེས་ཡོན་དང་འབྲེལ་བའི་ལས་གཞི།

བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད།

༄༅། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་འདི་ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༠ རེས་གཟའ་ཟླ་བ་ནས་འགོ་འཛུགས་བྱས་ཏེ་ཟླ་གཅིག་རིང་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཞིག་འཚོགས་རྒྱུ་ཡིན།  ཐུགས་འདོད་ཡོད་རིགས་རྣམས་ནས་བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་དགོས། སློབ་ཚན།      ༡ གངས་ཕྲུག་གི་གཏམ་རྒྱུད། (བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་དེབ་ཕྲེང། ༢༧)                 ༢ ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས་བྱིས་པའི་དགའ་ཚལ། (བོད་ཀྱི་དཔེ་མཛོད་ཁང་གི་རྣམ་ཐར་དེབ་ཕྲེང། ༢༣) དུས་ཚོད།    སྔ་དྲོའི་ཆུ་ཚོད་ ༧:༤༥ ནས་ ༩ བར། དགེ་རྒན།   ན་ག་སངས་རྒྱས་བསྟན་དར། དུས་ཡུན།   ༢༠༡༨ ཕྱི་ཟླ་ ༩ ཚེས་ ༡༠ ནས་ ཕྱི་ཟླ་ ༡༠ ཚེས་ ༩ བར།               (རབ་གནས་ས་ཁྱི། བོད་ཟླ་ ༨ ཚེས་ ༡ ནས་ཚེས་ ༣༠ བར།) ཚོགས་ཁང་།   …

མུ་མཐུད་ཀློག

ནང་པའི་ལྟ་གྲུབ་དང་བོད་ཀྱི་སྐད་ཡིག་ཐོག་སློབ་ཐོན་པ་ཁག་ཅིག་ལ་ཁྱག་འཁྱེར་གསོལ་བསྩལ་གནང་བ།

བོད་ཀྱི་དཔེ་མཛོད་ཁང་ནས་དགེ་རྒན་ཚད་ལྡན་གོ་སྒྲིག་ཐོག་ལོ་རེེར་སློབ་ཐུན་གཉིས་སུ་ཆ་བགོས་ཀྱིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་མུས་ཡིན་ཞིང་། སློབ་ཐུན་དང་པོ། ཕྱི་ཟླ། ༣ ཚེས། ༡ ནས། ཕྱི་ཟླ། ༧ ཚེས། ༡༣ བར་དང་། སློབ་ཐུན་གཉིས་པ་ཕྱི་ཟླ། ༨ ཚེས། ༡ ནས། ཕྱི་ཟླ། ༡༢ ཚེས་ ༡༢ བར་ཡིན། བསླབ་གཞི་ཡང་སྐད་ཡིག་གི་རྨང་གཞི་ནས་མཐོ་རིམ་བར་དུ་ཡོད་པ་དང་། ད་ལན་རྒྱལ་ཕྱི་ནང་གི་སློབ་ཕྲུག་གྲངས་ ༡༦༠ ཙམ་བསླབ་པ་མཐར་སོན་ཏེ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་མཆོག་ནས་ཕྱག་འཁྱེར་གསོལ་བསྩལ་གནང་ཡོད་པ་རེད། བོད་ཀྱི་དཔེ་མཛོད་གི་ངེས་སྟོན་པ་མཆོག་དང་། ལས་བྱེད། དེ་བཞིན་སློབ་ཕྲུག་བཅས་ལྷན་དུ་བསྒྲོན་པའི་མཉམ་པར། མཛད་སྒོའི་དབུ་འབྱེད་དུ་ངེས་སྟོན་པ་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་བཞིན་པ། སློབ་ཐུན་དང་པོ་ལེགས་པར་གྲོལ་བའི་དགའ་སྟོན་དུ་དགེ་སློབ་རྣམས་རྩེད་མོ་ལ་རོལ་བཞིན་པ། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་མཆོག་ནས་སློབ་མཐར་ཕྱིན་པའི་སློབ་ཕྲུག་རྣམས་ལ་འཚམས་འདྲི་དང་སྦྲགས་མཛད་སྒོའི་དབུ་འབྱེད་གསུང་བཤད་གནང་བཞིན་པ།

མུ་མཐུད་ཀློག

མོས་ཀོ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་གྲངས་བཅུ་དགུ་ལ་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་སློབ་གཉེར་གནང་བའི་དམིགས་བསལ་ཕྱག་འཁྱེར་ཞིག་འབུལ་ལམ་ཞུས་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༤ ནས། ཟླ་ ༧ ཚེས་༡༡ བར་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་མོས་ཀོ་གཙུག་ལག་སློབ་གྲཱའི་སློབ་ཕྲུག་ཁག་ཅིག་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་སློབ་ཐུན་ཞིག་གོ་སྒྲིག་ཞུས་པར་རྒྱལ་ཁའི་ངང་མཇུག་གྲུབ། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དང་དགེ་ལས་རྣམ་པ། མོས་ཀོ་གཙུག་ལག་སློབ་གྲྭའི་དགེ་སློབ་བཅས་ལྷན་དུ་བསྒྲོན་པའི་མཉམ་པར། སློབ་ཕྲུག་རྣམ་པས་བོད་སྐད་ཐོག་ ༸གོང་ས་མཆོག་ལ་བསྟོད་པའི་གླུ་དབྱངས་འབུལ་བཞིན་པ། ཉིན་མཐའ་མར་སློབ་ཕྲུག་རྣམས་ཡིག་རྒྱུགས་གཏོང་བཞིན་པ། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་མཆོག་ནས་ཉིན་མཐའ་མར་སློབ་ཕྲུག་ཚོར་ཕེབས་སྐྱེལ་གསུང་བཤད་གནང་བཞིན་པ། མོས་ཀོ་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་པོ་ཨེ་གྷོར་མཆོག་ནས་མཇུག་སྡོམ་མཛད་སྒོར་གསུང་བཤད་གནང་བཞིན་པ། མོས་ཀོ་གཙུག་ལག་སློབ་གྲྭའི་སློབ་ཕྲུག་རྣམ་པས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་མཆོག་ལ་ཕྱག་རྟགས་འབུལ་བཞིན་པ།

མུ་མཐུད་ཀློག

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༤ ནས་ ཟླ་ ༧ ཚེས་ ༡༡ བར་མོས་ཀོ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཁག་ཅིག་བོད་ཀྱི་དཔེ་མཛོད་ཁང་དུ་ནང་པའི་ལྟ་གྲུབ་སྐོར་སློབ་གཉེར་གནང་བཞིན་པའི་སྐབས་ཀྱི་བརྙན་པར།

བོད་ཀྱི་དཔེ་མཛོད་ཁང་དང་མོས་ཀོ་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་ཚན་པ་གཉིས་དབར་ཤེས་ཡོན་བརྗེ་ལེན་གྱི་གྲོས་མཐུན་བཞག་པའི་དགོངས་དོན་ལྟར་། ད་ལན་སློབ་དཔོན་ཆེན་མོ་ཨེ་གྷོར་ལགས་ཀྱིས་སྣེ་ཁྲིད་འོག་ཨུ་རུ་སུ་སློབ་ཕྲུག་གྲངས་བཅུ་དགུ་ཙམ་འདི་ག་དཔེ་མཛོད་ཁང་དུ་ནང་པའི་ལྟ་སྤྱོད་དང་། བོད་ཀྱི་སྐད་ཡིག་སོགས་ལ་སློབ་གཉེར་གནང་མུས་རེད། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཨུ་རུ་སུའི་སློབ་ཕྲུག་ཁག་ཅིག་ལ་ནང་པའི་ལྟ་གྲུབ་སྐོར་སློབ་ཁྲིད་གནང་བཞིན་པ། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཨུ་རུ་སུའི་སློབ་ཕྲུག་ཁག་ཅིག་ལ་སྒོམ་ཁྲིད་གནང་བཞིན་པ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་ཨུ་རུ་སུའི་སློབ་ཕྲུག་ཁག་ཅིག་སྒོམ་ལ་གཞོལ་བཞིན་པ། བོད་ཀྱི་དཔེ་མཛོད་ཁང་གི་དྲུང་གཞོན་མཆོག་ནས་འགྲེམས་སྟོན་ཁང་གི་སྐོར་ལ་འགྲེལ་བཤད་གནང་བཞིན་པ། ཨུ་རུ་སུའི་སློབ་ཕྲུག་ཁག་ཅིག་འགྲེམ་སྟོན་ཁང་དུ་གཟིགས་སྐོར་གནང་བཞིན་པ། རྒན་བློ་བཟང་སྐལ་བཟང་ལགས་ཀྱིས་སྲོལ་རྒྱུན་པར་ཤིང་གི་སྐོར་ངོ་སྤྲོད་གནང་བཞིན་པ།

མུ་མཐུད་ཀློག

འདི་ལོའི་ཟླ་གསུམ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་གསུམ་པའི་དབུ་འབྱེད་མཛད་སྒོ།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཞུས་པའི་ཟླ་གསུམ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་གསུམ་པའི་དབུ་འབྱེད་མཛད་སྒོའི་སྐབས། དགེ་སློབ་ལྷན་དུ་བསྒྲོན་པའི་མཉམ་པར། དོན་གཉེར་ཅན་གྱི་སློབ་ཕྲུག། མགྲོན་གྱི་གཙོ་བོ་མཁས་དབང་ངག་དབང་ཕུན་ཚོགས་ལགས་ནས་གསུང་བཤད་གནང་བཞིན་པ།

མུ་མཐུད་ཀློག

༢༠༡༨ ལོའི་ཟླ་གཉིས་རིང་གི་བོད་ཀྱི་རིག་གཞུང་ཟབ་སྦྱོང་མཇུག་གྲུབ་པ།

དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༡༨ ལོར་ཟླ་གཉིས་ཀྱི་རིང་། བོད་ཀྱི་སྐད་ཡིག་དང་། ནང་ཆོས། བོད་ཀྱི་གནའ་དེང་ལོ་རྒྱུས་བཅས་ཀྱི་ཐོག་སློབ་ཁྲིད་དང་རྒྱུས་སྟོན་གྱི་ཟབ་སྦྱོང་མཇུག་སྡོམ་མཛད་སྒོའི་སྐབས་སུ། སྐུ་མགྲོན་གཙོ་བོ་གཞུང་ཞབས་ཟུར་པ་སྐུ་ངོ་བསྟན་འཛིན་ཕུན་ཚོགས་ལགས་དང་འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་དྲུང་ཆེ་མཆོག་དང་དགེ་སློབ་ལྷན་འཛོམས་བཅས་མཛད་སྒོ་འདི་དགའ་དགའ་སྤྲོ་སྤྲོའི་ངང་མཇུག་གྲུབ། ཟབ་སྦྱོང་འདི་ནི་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བདུན་པ་དེ་ཡིན། དགེ་སློབ་ལྷན་དུ་བསྒྲོན་པའི་པར། སྐུ་མགྲོན་གཙོ་བོ་གཞུང་ཞབས་ཟུར་པ་སྐུ་ངོ་བསྟན་འཛིན་ཕུན་ཚོགས་ལགས་ནས་མཇུག་སྡོམ་མཛད་སྒོའི་སྐབས་གསུང་བཤད་གནང་བཞིན་པ། སྐུ་མགྲོན་གཙོ་བོ་གཞུང་ཞབས་ཟུར་པ་སྐུ་ངོ་བསྟན་འཛིན་ཕུན་ཚོགས་ལགས་ནས་མཇུག་སྡོམ་མཛད་སྒོའི་སྐབས་གསུང་བཤད་གནང་བཞིན་པ། སློབ་ཕྲུག་ཚོའི་ངོས་ནས་རང་ཉིད་ཀྱི་མྱོང་ཚོར་དང་བསམ་ཚུལ་བརྗེ་ལེན་བྱེད་བཞིན་པ།

མུ་མཐུད་ཀློག

༢༠༡༨ ལོའི་བོད་ཀྱི་རིག་གཞུང་ཟབ་སྦྱོང་།

འདི་ལོའི་ཟླ་གཉིས་རིང་གི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐབས། དགེ་སློབ་ལྷན་དུ་བསྒྲོན་པའི་མཉམ་པར། བོད་ཀྱི་རིག་གཞུང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐབས་དགེ་སློབ་ཐུན་མོང་ནས་བཀྲ་ཤིས་ཚིགས་བཅད་གསུངས་བཞིན་པ། བོད་ཀྱི་རིག་གཞུང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐབས་སློབ་ཕྲུག་ཚོས་བཀྲ་ཤིས་ཚིགས་བཅད་གསུངས་བཞིན་པ།

མུ་མཐུད་ཀློག

དམིགས་བསལ་ནང་ཆོས་འཛིན་གྲྭའི་ཆོས་ཐུན་གཉིས་པ།

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༤ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཨིན་སྐད་ཐོག་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཞེན་པ་བཞི་བྲལ་གྱི་གདམས་པ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་འཆད་ཁྲིད་གནང་བཞིན་པ།

མུ་མཐུད་ཀློག

དམིགས་བསལ་ནང་ཆོས་འཛིན་གྲྭའི་ཆོས་ཐུན་དང་པོ།

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༣ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཨིན་སྐད་ཐོག་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཞེན་པ་བཞི་བྲལ་གྱི་གདམས་པ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་འཆད་ཁྲིད་གནང་བཞིན་པ།

མུ་མཐུད་ཀློག

ཤེས་ཡོན་བརྗེ་ལེན་གྱི་གྲོས་མཐུན་བཞག་པ།

  བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་ཞབས་ཁོལ་ཌིབ་ ཨ་གྷི་ནེ་ཧོ་ཏྲི་རྣམ་གཉིས་ཀྱིས་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱར་མཚན་རྟགས་འགོད་བཞིན་པ། བོད་ཀྱི་དཔེ་མཛོད་ཁང་དང་ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གཉིས་དབར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱར་མཚན་རྟགས་འགོད་བཞིན་པ།   བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་རྣམ་པ། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༧ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གཉིས་དབར་གནའ་དེང་ཤེས་ཡོན་བརྗེ་ལེན་བྱ་རྒྱུ་ཡིན་པའི་གྲོས་མཐུན་ཞིག་བཞག་ཡོད་པ་དང་། ཚོགས་མགོན་དུ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། སྤྱི་ཁབ་དྲུང་ཆེ། དེ་བཞིན་འབྲེལ་ཡོད་དཔེ་མཛོད་ལས་བྱེད་རྣམ་པ་དང་། ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་ཞབས་ཁོལ་ཌིབ་ ཨ་གྷི་ནེ་ཧོ་ཏྲི་ལགས་དང་འཛིནསྐྱོང་གི་འགན་འཛིན་བཅས་ལྷན་བཞུགས་གནང་ཡོད་པ་རེད།

མུ་མཐུད་ཀློག