གཙོ་ངོས། / ཚན་རིག་ལས་འཆར།

ཚན་རིག་ལས་འཆར།

སློབ་ཐོན་ཟིན་པའི་ཚན་རིག་ལས་འཆར་ཞེས་པའི་ཚན་རིག་ཟབ་སྦྱོང་།

དྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་། འབྲས་ལྗོངས་སུ་རྟེན་གཞི་བྱས་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་ཟུང་འབྲེལ་ཐོག་འདི་ལོའི་ཕྱི་ཟླ་ ༩ ཚེས། ༣ ནས། ཚེས། ༢༩ བར་སློབ་ཐོན་ཟིན་པའི་ཚན་རིག་ལས་འཆར་ཞེས་པའི་ཚན་རིག་ཟབ་སྦྱོང་ཞིག་སྐོང་འཚོགས་གནང་ཡོད་པ་རེད། ཟབ་སྦྱོང་སྐབས་ཀྱི་གཏམ་བཤད། ཐ་སྙད་གསར་པ་སྦྱོང་བཞིནཔ། སྡེ་ཚན་ནང་ཕན་ཚུན་བགྲོ་གླེང་བྱེད་བཞིན་པ། སློབ་ཕྲུག་ཚོས་རང་གི་དགའ་མོས་ཆེ་ཤོས་ཀྱི་ཐ་སྙད་འདེམ་བཞིན་པ། ཟབ་སྦྱོང་གི་མཇུག་ཏུ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དགེ་ལས་སློབ་ཕྲུག་རྣམ་པར་ཐུགས་རྗེ་ལེགས་གསོལ་ཞུ་བཞིན་པ། བོད་ཀྱི་དཔེ་མཛོད་ཁང་གི་སྲི་ཞུ་བ་དང་། དགེ་ལས་སློབ་ཕྲུག་བཅས་ལྷན་དུ་བསྒྲོན་པའི་སྐུ་པར།

མུ་མཐུད་ཀློག

དགེ་བཤེས་ལྷག་རྡོར་ལགས་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོར་ཆིབས་བསྒྱུར་ཕེབས་པ།

དགེ་བཤེས་ལྷག་རྡོར་ལགས་ཨེ་མོ་རིར་ཆིབས་བསྒྱུར་སྐབས་སུ་ཨེ་མོ་རི་ཚན་རིག་ལས་འཆར་གྱི་ལོ་ཙཱ་བ་རྣམས་དང་ལྷན་སྐུ་པར་བསྒྲོན་པ།

མུ་མཐུད་ཀློག

སེ་སྒར་ཚན་རིག་ཁང་དབུ་འབྱེད་མཛད་པ་དང་རྟེན་འབྲེལ་མཛད་སྒོ།

ཕྱི་ལོ་༢༠༡༧་ཟླ་༡༡་ཚེས་༡༣་ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་སྐུ་མགྲོན་གྱི་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོགས་ཀརྨ་དགེ་ལེགས་མཆོག་དང་སྐུ་ཞབས་བྷོ་བྷི་སེ་སྒར་རྣམ་གཉིས་ནས་སེ་སྒར་ཚན་རིག་ཁང་དབུ་འབྱེད་མཛད་པ་དང་རྟེན་འབྲེལ་མཛད་སྒོ།  

མུ་མཐུད་ཀློག

ཚན་རིག་སྣེ་ཁྲིད་རུ་ཁག་གསུམ་པའི་ཟབ་སྦྱོང་ཐེངས་གཉིས་པ།

ཚན་རིག་སྣེ་ཁྲིད་རུ་ཁག་གསུམ་པའི་ཟབ་སྦྱོང་ཐེང་གཉིས་པ། ཕྱི་ཟླ་༡༡ཚེས་༥  ནས་   ཕྱི་ཟླ་༡༡ཚེས་༢༤

མུ་མཐུད་ཀློག