གཙོ་ངོས། / གསར་འཕྲིན།

གསར་འཕྲིན།

བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ས་མིག་གསལ་བསྒྲགས།

འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་གཤམ་གསལ་ལྟར་ལས་ཀའི་ས་མིག་སྟོང་པ་བཞི་ཡོད་པས་བོད་རིགས་འཛུལ་བློ་ཡོད་རིགས་ཚོས་དེ་ལུགས་དགོངས་ཆུབ་མཛོད། ༡ ཉམས་ཞིབ་དང་རྩོམ་སྒྱུར་ལས་རོགས། ༢ དཔར་སྐྲུན་ལས་རོགས། ༣ རྩོམ་སྒྲིག་ལས་རོགས། ༤ བཤེར་བབ་ལས་རོགས། གོང་གི་ལས་རིགས་ཁག་ནང་འཛུལ་ཞུགས་གནང་འདོད་ཡོད་པ་རྣམས་ནས་རང་གི་ལོ་རྒྱུས་སྙིང་བསྡུས་དང་། དུས་ཐོག་ཏུ་དེབ་སྐྱེལ་ཟིན་པའི་སྐྱབས་བཅོལ་ལག་འཁྱེར། བོད་མིའི་དང་བླངས་དཔྱ་དངུལ་དུས་ཐོག་ཕུལ་བའི་ལག་དེབ། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོ་སྦྱོར་བཅས་ཀྱི་ངོ་བཤུས་བདེན་དཔང་འཕེར་བའི་འཚང་སྙན་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༦ འགྱངས་མེད་འདི་གའི་འཛིན་སྐྱོང་ཡིག་ཚང་དུ་ངེས་འབུལ་ཡོང་བ་དགོངས་འཇགས། ཨིན་བོད་གཉིས་ཀའི་འབྲི་རྒྱུགས་ཐོག་བརྒྱ་ཆ་ ༥༠ ཡན་ལོན་པ་རྣམས་ངག་རྒྱུགས་ལ་འབོད་སྐོང་ཞུ་རྒྱུ། འབྲེལ་གཏུགས་ཁ་བྱང། Director, LTWA, Gangchen Kyishong, Dharamsala – 176 215, H.P. E-mail: ltwa1970@gmail.com

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༥ ཉིན་ལ་དགེ་རྒན་ཉིན་མོའི་སྲུང་བརྩི།

སྐབས་བཅུ་གསུམ་པའི་རྩོམ་སྒྱུར་ཟབ་སྦྱོང་སློབ་ཕྲུག་རྣམས་ནས་དགེ་རྒན་རྣམ་པའི་བཀའ་དྲིན་རྗེས་དྲན་སླད་དུ་བོད་ཀྱི་དཔེ་མཛོད་ཁང་གི་དགེ་རྒན་རྣམ་པ་དང་ལས་བྱེད་ཡོངས་དང་ལྷན་དུ་དགེ་རྒན་ཉིན་མོ་སྲུང་བརྩི་ཞུས་སོང་། དགེ་རྒན་ཉིན་མོ་སྲུང་བརྩི་ཞུས། དགེ་རྒན་ཉིན་མོ་སྲུང་བརྩི་ཞུས། དགེ་རྒན་ཉིན་མོ་སྲུང་བརྩི་ཞུས། དགེ་བཤེས་ལྷག་རྡོ་མཆོག་ནས་སློབ་ཕྲུག་ཚོར་ཐུགས་རྗེ་ཆེ་ཞུ་བཞིན་པ། བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་རྣམ་པ།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་བ་ ༨ ཚེས་ ༢༥ ནས་སྤྱི་ཟླ་ ༩ ཚེས་ ༣ བར་དགེ་བཤེས་ལྷག་རྡོར་མཆོག་མ་སུ་རིའི་བོད་ཁྱིམ་དུ་ཆིབས་སྒྱུར་བསྐྱངས་པ།

མ་སུ་རིའི་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེའི་རེ་འདུན་ལྟར་དགེ་བཤེས་ལྷག་རྡོར་མཆོག་ནས་དེ་གར་གྱི་ཡིག་ཚང་གི་ལས་བྱེད། ཁྱིམ་ཚང་གི་མ་ཚབ། དགེ་རྒན། སློབ་ཕྲུག་བཅས་ལ་ཉིན་ལྔའི་རིང་གཏམ་བཤད་གནང་ཡོད། སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཆེན་པོའི་ངང་ཉན་བཞིན་པ། སློབ་མ་ཚོར་དམིགས་བཀར་གྱིས་བྱམས་བརྩེའི་ནུས་མཐུ་གོང་འཕེལ་གཏོང་ཐབས་ཀྱི་སྐོར་ལ་གཏམ་བཤད་གནང་བཞིན་པ། འགན་འཛིན་མཆོག་དང་ཁྱིམ་ཚང་གི་མ་ཚབ་རྣམས་པ། ཡིག་ཚང་གི་ལས་བྱེད་ཚོར་གཏམ་བཤད། དགེ་རྒན་ཁོ་ནར་དམིགས་བཀར་གྱིས་གཏམ་བཤད་གནང་བཞིན་པ།

མུ་མཐུད་ཀློག

ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀུན་ཝར་བྷར་ཊེན་ཌྲ་ སིང་མཆོག་གི་འཚམས་གཟིགས།

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀུན་ཝར་བྷར་ཊེན་ཌྲ་ སིང་མཆོག་དང་ཁོང་གི་སྐུ་ཟླ་བཅས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་སྐབས་འདི་གའི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་ངོ་སྤྲོད་གནང་ཡོད་པ་རེད། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀུན་ཝར་བྷར་ཊེན་ཌྲ་ སིང་མཆོག་དང་བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ཁྱབ་དྲུང་ཆེ་རྣམས་གཉིས་ལྷན་དུ་བསྒྲོན་པའི་སྐུ་པར། སྐུ་ཞབས་ཀུན་ཝར་བྷར་ཊེན་ཌྲ་ སིང་མཆོག་དང་སྤྱི་ཁྱབ་དྲུང་ཆེ་རྣམས་གཉིས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་བཞིན་པ། གྲོས་ཚོགས་འཐུས་མི་སྐུ་ཞབས་ཀུན་ཝར་བྷར་ཊེན་ཌྲ་ སིང་མཆོག་དང་ཁོང་གི་སྐུ་ཟླ་རྣམས་གཉིས་ལ་བོད་ཀྱི་དཔེ་མཛོད་ཁང་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་མི་འདྲ་བ་ཁག་སྤྱན་འབུལ་ཞུ་བཞིན་པ།

མུ་མཐུད་ཀློག

བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད།

༄༅། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་འདི་ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༠ རེས་གཟའ་ཟླ་བ་ནས་འགོ་འཛུགས་བྱས་ཏེ་ཟླ་གཅིག་རིང་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཞིག་འཚོགས་རྒྱུ་ཡིན།  ཐུགས་འདོད་ཡོད་རིགས་རྣམས་ནས་བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་དགོས། སློབ་ཚན།      ༡ གངས་ཕྲུག་གི་གཏམ་རྒྱུད། (བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་དེབ་ཕྲེང། ༢༧)                 ༢ ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས་བྱིས་པའི་དགའ་ཚལ། (བོད་ཀྱི་དཔེ་མཛོད་ཁང་གི་རྣམ་ཐར་དེབ་ཕྲེང། ༢༣) དུས་ཚོད།    སྔ་དྲོའི་ཆུ་ཚོད་ ༧:༤༥ ནས་ ༩ བར། དགེ་རྒན།   ན་ག་སངས་རྒྱས་བསྟན་དར། དུས་ཡུན།   ༢༠༡༨ ཕྱི་ཟླ་ ༩ ཚེས་ ༡༠ ནས་ ཕྱི་ཟླ་ ༡༠ ཚེས་ ༩ བར།               (རབ་གནས་ས་ཁྱི། བོད་ཟླ་ ༨ ཚེས་ ༡ ནས་ཚེས་ ༣༠ བར།) ཚོགས་ཁང་།   …

མུ་མཐུད་ཀློག

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༠ ཉིན་ཐའེ་ལནཌ་ནས་ཕེབས་པའི་དགེ་འདུན་པ་རྣམས་གཉིས་ཀྱི་སློབ་ཐུན་ལེགས་གྲུབ།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༠ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་འདུལ་བའི་ཕྱག་ལེན་སྐོར་དང་བོད་ཀྱི་སྐད་ཡིག་སློབ་གཉེར་གནང་བཞིན་པའི་ཐའེ་ལནཌ་དགེ་འདུན་པ་རྣམས་གཉིས་ཀྱི་སློབ་ཐུན་ལེགས་གྲུབ་བྱུང་བ།

མུ་མཐུད་ཀློག

རྗེ་རིན་པོ་ཆེའི་གསུང་ལམ་རིམ་བསྡུས་དོན་འཆད་ཁྲིད་གནང་རྒྱུ།

དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ནས་རྗེ་རིན་པོ་ཆེའི་གསུང་ལམ་རིམ་བསྡུས་དོན་འཆད་ཁྲིད་གནང་རྒྱུ། དགེ་རྒན། དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས། དུས་ཚོད། དགོང་དྲོའི་ཆུ་ཚོད་ ༥ ནས་ ༦:༣༠ བར། དུས་ཡུན། ༢༠༡༨ ཟླ་ ༨ ཚེས་ ༢༢ ནས་ ཚེས་ ༢༤ བར། དེབ་སྐྱེལ། སྒོར་ ༥༠/- ཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭ།

མུ་མཐུད་ཀློག

གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཚུགས་པ།

རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧ་རི་ཝཇ་པེ་ཡཱི་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་དང་སློབ་ཕྲུག་ཡོངས་ནས་མྱ་ངན་གུས་འདུད་ཆེད་སྨོན་ལམ་གསོལ་འདེབས་ཚུགས་པ།

མུ་མཐུད་ཀློག

དཔེ་དེབ་དབུ་འབྱེད་མཛད་སྒོ།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༤ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་བཅས་ནས་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་ཟིན་པས་དཔེ་དེབ་གསར་པ་ལྔའི་དབུ་འབྱེད་གནང་ཡོད། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དཔེ་དེབ་དབུ་འབྱེད་མཛད་སྒོའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དཔེ་མཛོད་ཁང་དུ་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་བཅས་ནས་དཔེ་དེབ་དབུ་འབྱེད་གནང་བཞིན་པ། རང་གཞུང་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག འདི་གའི་ལོ་ཙཱ་བ་ཚེ་རིང་ནོར་བུ་ལགས་ནས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་གྲགས་ཅན་བཀའ་རྩོམ་ Towards A True Kinship of Faiths དོན་དམ་པའི་ཆོས་ལུགས་མཛའ་འབྲེལ་ཞེས་པའི་དཔེ་དེབ་འདི་བོད་སྐད་དུ་བསྒྱུར་ཡོད། དབུ་འབྱེད་མཛད་སྒོའི་སྐབས་དཔེ་དེབ་གསར་པ་རྣམས་གོང་ཁེ་པོའི་ཐོག་འཚོང་བཞིན་པ།

མུ་མཐུད་ཀློག

བོད་ཀྱི་དཔེ་མཛོད་ཁང་ནས་གསར་དུ་དཔར་སྐྲུན་བྱས་པའི་དཔེ་དེབ་ཁག

༈ གཤམ་གསལ་དཔེ་དེབ་དེ་དག་བོད་ཀྱི་དཔེ་མཛོད་ཁང་གི་དཔེ་ཚོང་ཁང་ནས་མངགས་ཉོ་ཐུབ་ཀྱི་ཡོད་པས་དེ་ལུགས་དགོངས་འཇག་འཚལ། 1. ཤོ་རྩེད་དང་ཤོ་བཤད། 2. དོན་དམ་པའི་ཆོས་ལུགས་མཛའ་འབྲེལ། 3. དབུས་གཙང་སྡེ་གཟར་དང་འབྲེལ་བའི་དོན་གནད་ཁག་གཅིག་ལ་བསྐྱར་ཞིབ། 4. སུམྦྷ་ཆོས་འབྱུང། 5. An Early History of the Mon Region (India) and its Relationship with Tibet and Bhutan ཤོ་རྩེད་དང་ཤོ་བཤད། དོན་དམ་པའི་ཆོས་ལུགས་མཛའ་འབྲེལ། དབུས་གཙང་སྡེ་གཟར་དང་འབྲེལ་བའི་དོན་གནད་ཁག་གཅིག་ལ་བསྐྱར་ཞིབ། སུམྦྷ་ཆོས་འབྱུང། An Early History of the Mon Region (India) and its Relationship with Tibet and Bhutan

མུ་མཐུད་ཀློག