གཙོ་ངོས། / གཏམ་བཤད།

གཏམ་བཤད།

གཏམ་བཤད།

སྤྱི་ལོ་ ༢༠༡༨ ཟླ་བ་ ༡༠ ཚེས་ ༢༩ ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་གྲངས་ཐོ་ཚན་རིག་པ་ཁག་གཅིག་ལ་གསུང་བཤད་གནང་བ།

རྒྱ་གར་དང་ཨ་རིར་རྟེན་གཞི་བྱས་པ་” Fractal Analytics” ཞེས་པའི་ཚོགས་པའི་གྲངས་ཐོ་ཚན་རིག་པ་གྲངས་ཉི་ཤུ་རྩ་ལྔ་ཙམ་ལ་འདི་ལོའི་སྤྱི་ཟླ་ ༡༠ ཚེས་ ༢༩ ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་ཉོན་མོངས་ལས་གྲོལ་བའི་ཐབས་ཀྱི་སྐོར་གསུང་བཤད་གནང་ཡོད། གྲངས་ཐོ་ཚན་རིག་པ་ཞིག་གིས་དགེ་བཤེས་ལགས་ལ་དྲི་བ་གཏོང་བཞིན་པ། ཏིང་ངེ་འཛིན་སྦྱོང་བརྡར་བྱེད་པ། དགེ་བཤེས་མཆོག་དང་ལྷན་དུ་བསྒྲོན་པའི་པར།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་བ་ ༡༠ ཚེས་ ༡༦ ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་ལ་དྭགས་སློབ་ཕྲུག་ཁག་གཅིག་ལ་གསུང་བཤད་གནང་བ།

གླེ་རུ་རྟེན་གཞི་བྱས་པ་”Flowering Dharma” ཞེས་པའི་ཚོགས་པའི་རེ་འདུན་ལྟར་འདི་ལོའི་སྤྱི་ཟླ་ ༡༠ ཚེས་ ༡༦ ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་ལ་དྭགས་སློབ་ཕྲུག་ཁག་གཅིག་ལ་དོན་དང་ལྡན་པའི་མི་ཚེ་དང་རྟེན་འབྲེལ་སྐོར་གསུང་བཤད་གནང་ཡོད།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་བ་ ༡༠ ཚེས་ ༡ ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་གསུང་བཤད་གནང་བ།

སྤྱི་ལོ་ ༢༠༡༨ ཟླ་བ་ ༡༠ ཚེས་ ༡ ཉིན་དགེ་བཤེས་ལྷག་རྡོར་ལགས་ནས་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནང་རྟེན་གཞི་བྱས་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་གོ་སྒྲིག་འོག  <<ངེས་གཏན་མེད་པའི་འཛམ་གླིང་གི་གཏན་གྱི་བདེ་སྐྱིད་>>ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་དབུ་འཛིན་བཀྲ་ཤིས་ལགས་ནས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ལ་དགའ་བསུ་ཞུ་བཞིན་པ། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་གསུང་བཤད་གནང་བཞིན་པ། མང་ཚོགས་ནས་དགེ་བཤེས་ལགས་ལ་དྲི་བ་ཞུ་བཞིན་པ།

མུ་མཐུད་ཀློག

སྤྱི་ལོ་ ༢༠༡༨ ཟླ་བ་ ༨ ཚེས་ ༢༥ ནས་སྤྱི་ཟླ་ ༩ ཚེས་ ༣ བར་དགེ་བཤེས་ལྷག་རྡོར་མཆོག་མ་སུ་རིའི་བོད་ཁྱིམ་དུ་ཆིབས་སྒྱུར་བསྐྱངས་པ།

མ་སུ་རིའི་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེའི་རེ་འདུན་ལྟར་དགེ་བཤེས་ལྷག་རྡོར་མཆོག་ནས་དེ་གར་གྱི་ཡིག་ཚང་གི་ལས་བྱེད། ཁྱིམ་ཚང་གི་མ་ཚབ། དགེ་རྒན། སློབ་ཕྲུག་བཅས་ལ་ཉིན་ལྔའི་རིང་གཏམ་བཤད་གནང་ཡོད། སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཆེན་པོའི་ངང་ཉན་བཞིན་པ། སློབ་མ་ཚོར་དམིགས་བཀར་གྱིས་བྱམས་བརྩེའི་ནུས་མཐུ་གོང་འཕེལ་གཏོང་ཐབས་ཀྱི་སྐོར་ལ་གཏམ་བཤད་གནང་བཞིན་པ། འགན་འཛིན་མཆོག་དང་ཁྱིམ་ཚང་གི་མ་ཚབ་རྣམས་པ། ཡིག་ཚང་གི་ལས་བྱེད་ཚོར་གཏམ་བཤད། དགེ་རྒན་ཁོ་ནར་དམིགས་བཀར་གྱིས་གཏམ་བཤད་གནང་བཞིན་པ།

མུ་མཐུད་ཀློག

དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་བ་ན་གཞོན་ཁག་ཅིག་ལ་གཏམ་བཤད།

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༥ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་བ་ན་གཞོན་བཅོ་ལྔ་ལ་གཏམ་བཤད་གནང་ཡོད། དགེ་བཤེས་ལྷག་རྡོར་ལགས་དང་ལྷན་དུ། དགེ་བཤེས་ལྷག་རྡོར་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། དགེ་བཤེས་ལྷག་རྡོར་ལགས་ནས་བོད་ཀྱི་ནང་ཆོས་གལ་གནད་ཆེས་བའི་སྐོར་གཏམ་བཤད་གནང་བཞིན་པ།  

མུ་མཐུད་ཀློག

ཕྱི་ཟླ་ ༦ ཚེས་ ༢ ཉིན་དཔེ་དེབ་དབུ་འབྱེད་ཀྱི་གསུང་བཤད།

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་དུ་  “The Enlightened Gene” ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སློབ་དཔོན་ཆེན་མོ་ཨར་རི། ཨི་སིན་དང་དགེ་བཤེས་གཡུང་དྲུང་དཀོན་མཆོག་བཅས་ནས་གསུང་བཤད་གནང་ཡོད། སློབ་དཔོན་ཆེན་མོ་ཨར་རི། ཨི་སིན་དང་དགེ་བཤེས་གཡུང་དྲུང་དཀོན་མཆོག། དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་སློབ་དཔོན་ཆེན་མོ་ཨར་རི། ཨི་སིན་དང་དགེ་བཤེས་གཡུང་དྲུང་དཀོན་མཆོག་བཅས་ནས་དཔེ་དེབ་གསར་པ་དབུ་འབྱེད་གནང་བའི་སྐབས་ཀྱི་པར། དགེ་བཤེས་གཡུང་དྲུང་དཀོན་མཆོག་ནས་གསུང་བཤད་གནང་བཞིན་པ།

མུ་མཐུད་ཀློག

དགེ་བཤེས་ལྷག་རྡོར་ལགས་ནས་བུད་མེད་སློབ་ཕྲུག་ཚོ་ཁག་གཅིག་ལ་གསུང་བཤད།

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༠ ཉིན་བུད་མེད་ཚོགས་པའི་ཇི་ལྟར་རེ་སྐུལ་ཞུས་དོན་ལྟར་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བུད་མེད་སློབ་ཕྲུག་ཚོ་ཁག་གཅིག་ལ་སྤྱི་ཚོགས་ནང་བུད་མེད་ཀྱི་ལས་འགན་་སྐོར་གསུང་བཤད་གནང་ཡོད་པ་རེད། དགེ་བཤེས་ལྷག་རྡོར་ལགས་དང་ལྷན་དུ། སློབ་ཕྲུག་ཅིག་གི་དགེ་བཤེས་ལགས་ལ་དྲི་བ་གཏོང་བཞིན་པ། དགེ་བཤེས་ལྷག་རྡོར་ལགས་ནས་སྤྱི་ཚོགས་ནང་བུད་མེད་ཀྱི་ལས་འགན་སྐོར་གསུང་བཤད་གནང་བཞིན་པ།

མུ་མཐུད་ཀློག

བྷར་མའི་མངའ་སྡེ་ཀཱ་ཆིན་གྱི་འཐུས་མི་ཁག་ཅིག་གཟིགས་སྐོར་དུ་བྱོན།

བྷར་མའི་མངའ་སྡེ་ཀཱ་ཆིན་གྱི་འཐུས་མི་ཁག་ཅིག་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་ཆེད་ཕེབས་ཡོད་པ་དང་། འདི་གའི་ངེས་སྟོན་པ་མཆོག་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཕྱོགས་དང་འབྲེལ་བའི་ངོ་སྤྲོད་གཏམ་བཤད་ཀྱང་གནང་ཡོད་པ་མ་ཟད། འཐུས་མི་རྣམས་བོད་ཀྱི་དཔེ་མཛོད་ཁང་གི་འགྲེམས་སྟོན་ཁང་དང་ཕྱག་དཔེ་གསུང་རྟེན་ཁང་དུ་གཟིགས་སྐོར་ཡང་གནང་ཡོད་པ་རེད། ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་ཀཱ་ཆིན་འཐུས་མི་རྣམས་པ། དགེ་བཤེས་ལགས་ཀྱིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་སྐོར་གསུང་བཤད་གནང་བཞིན་པ། ཕྱག་དཔེ་གསུང་རྟེན་ཁང་དུ་གཟིགས་སྐོར་གནང་བཞིན་པ།

མུ་མཐུད་ཀློག

དགེ་བཤེས་ལྷག་རྡོར་ལགས་ནས་ཌེ་ནིཤའི་སློབ་ཕྲུག་རུ་ཁག་གཅིག་ལ་ནང་པའི་ལྟ་ཕྱོགས་སྐོར་གསུང་བཤད།

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༩ ཉིན་བོད་ཀྱི་རེ་བ་ཞེས་པའི་བསྟི་གནས་ཁང་གིས་ཇི་ལྟར་རེ་སྐུལ་ཞུས་དོན་ལྟར་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཌེ་ནིཤའི་སློབ་ཕྲུག་རུ་ཁག་གཅིག་ལ་ནང་པའི་ལྟ་ཕྱོགས་སྐོར་གསུང་བཤད་གནང་ཡོད་པ་རེད།

མུ་མཐུད་ཀློག

སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་གསུང་བཤད་གནང་།

༄༅།། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ ཉིན་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་གཟའ་རུ་བོད་ཀྱི་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ རྒྱལ་སྤྱིའི་ནང་བོད་དོན་གྱི་གལ་གནད་རང་བཞིན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།  

མུ་མཐུད་ཀློག