གཙོ་ངོས། / ཧིནྡྀའི་དུས་དེབ།

ཧིནྡྀའི་དུས་དེབ།

སྡེ་ཚན་འདི་དབུ་བརྙེས་པ་ནས་བཟུང༌། དཔེ་དེབ་ཁག་དྲུག་འགྲེམས་སྤེལ་ཞུས་པ་དང་འདི་ལོའི་ལོ་ཕྱེད་དུས་དེབ་བོ་ཊ་ལྦ་ནི་(Bhotvani)ཞེས་པ་ཞིག་༸སྐུའི་འཁྲུངས་སྐར་དུས་ཆེན་སྐབས་དབུ་འབྱེད་ཞུས། དེ་ཡང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པའི་ནང་མཁས་དབང་དང་། ཆེད་ལས་པ། གནས་ཡོད་མི་སྣ་ཁག་ལྷན་བཞུགས་ཐོག་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུ་འབྱེད་གནང༌། སྐབས་དེར་བཀའ་བློ་ཁྲི་པ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་གངས་ཅན་སྐྱིད་གཤོངས་ནས་ང་ཚོས་དུས་དེབ་འདི་བརྒྱུད་ཧིན་དྷིའི་ཐོག་ནས་སྔོན་མེད་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་པས། དེའི་འགུལ་སྐྱོད་ངེས་པར་དུ་རྒྱུན་སྲིང་བྱེད་དགོས། དེ་ནི་ཕྱོགས་གཉིས་ཀྱི་ཐོག་ནས་འགྱུར་བ་ཆེན་པོ་ཞིག་ཡིན། དང་པོ། དེ་ནི་ཧིན་དྷིའི་ཐོག་ནས་འགྱུར་བ་ཆེན་པོ་གཅིག་དང༌། གཉིས་པ། བོ་ཊ་( Bhot) སམ་བོད་ཅེས་པས་ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་ཁྱད་ཆོས་མཚོན་པའི་གོ་གནས་དང༌། དེ་མིན་ཕྱོགས་གཞན་ཞིག་ནས་ས་ཁུལ་གྱི་ཁྱད་ཆོས་མཚོན་པའི་གོ་གནས་ཤིག་ཡིན། ལྦ་ནི་(vanni) སྐད་ཡིག་ལ་གོ་བ་དང་དེ་ནི་ཧིན་དྷིའི་ནང་ཡོད། དེར་བརྟེན་ཧིན་དྷིའི་ཐོག་ནས་བྱུང་བའི་འགྱུར་བ་ཆེན་པོ་དེ་ངེས་པར་དུ་རྒྱུན་སྐྱོང་བྱེད་དགོས།

དུས་དེབ་འདི་བརྒྱུད། བོད་ཀྱི་ཆོས་དང་། སྲོལ་རྒྱུན། ལོ་རྒྱུས། གཏམ་རྒྱུད། སྙན་ངག་སོགས་དཔར་སྐྲུན་བྱས་ནས། བཙན་བྱོལ་དུ་གནས་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་དང་གོ་རྟོགས་གོང་མཐོར་གཏོང་ཕྱིར་ཕྱོགས་ཡོངས་ནས་ལེགས་སྐྱེས་མི་དམན་པ་ཞིག་འབུལ་ངེས། ཅི་སྟེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགོངས་འཆར་དང༌། བློ་སྐྱེད། རྩོམ་སོགས་ཀྱི་ཞལ་འདེབས་མཐུན་འགྱུར་གནང་ཚེ་སླད་དུས་དེབ་འདི་བཞིན་ཡག་ཐོག་ཡག་འཕེལ་འགྲོ་བར་ཕན་རླབས་ཤིན་ཏུ་ཆེ་བས་སྡེ་ཚན་འདིས་དགའ་བསུ་ཞུ་རྒྱུ་ཡིན། གོ་སྐབས་འདི་བཟུང་ནས། ཧིན་དྷིའི་སྡེ་ཚན་ངོས་ནས་དགོངས་འཆར་དང་རྩོམ་བྲིས་གནང་མཁན་ཚོར་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། སླད་ཕྱིན་ཤེས་ལྡན་མི་སྣ་ཙམ་མ་ཟད་སྤྱིར་བཏང་མི་མང་ནས་ཀྱང་རྩོམ་བྲིས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

འབྲེལ་ཡོད་གནས་ཚུལ་གཞན།