གཙོ་ངོས། / གཟིགས་སྐོར། / ལྷ་ས་ཆུང་བ་ཞེས་པའི་ལས་འཆར་ནང་མཉམ་ཞུགས་བྱེད་མཁན་ཁག་གཅིག་གི་ལྟ་སྐོར།

ལྷ་ས་ཆུང་བ་ཞེས་པའི་ལས་འཆར་ནང་མཉམ་ཞུགས་བྱེད་མཁན་ཁག་གཅིག་གི་ལྟ་སྐོར།

སློབ་ཕྲུག་རང་དབང་ཚོགས་པས་གོ་སྒྲིག་ཞུས་པའི་ལྷ་ས་ཆུང་བ་ཞེས་པའི་ལས་འཆར་ནང་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་བཅུ་ནས་མཉམ་ཞུགས་པ་སློབ་ཕྲུག་ཁག་གཅིག་ལྟ་སྐོར་དུ་ཆེད་ཕེབས་པའི་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་གཞོན་མཆོག་ནས་བསྟི་གནས་ཁང་འདི་གའི་ལས་རིམ་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་ཡོད་པ་རེད།

རྗེས་མ། སྔོན་མ།
རྗེས་མ། སྔོན་མ།

འདིར་ཡང་གཟིགས།

རྒྱ་གར་གྲོས་ཚོགས་འཐུས་མིའི་གཟིགས་སྐོར།

རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་གོཔཱལ་ནཱརཱཡཎ་སིཾཧ། དང་སྐུ་ཞབས་ཇནཱརྡན་སིཾཧ་སིགྲཱིབཱལ་མཆོག་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་ལ་ཕེབས་པ་དང་སྦྲགས་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་བསྟི་གནས་ཁང་འདི་གའི་ལས་རིམ་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་ཡོད་པ་རེད། འགྲེམས་སྟོན་ཁང་དུ་བརྒྱབ་པའི་པར། ངེས་སྟོན་པ་མཆོག་ནས་འགྲེམས་སྟོན་ཁང་གི་རྩ་ཆེའི་རིག་དངོས་སོགས་་ཀྱི་སྐོར་ལ་འགྲེལ་བཤད་གནང་བཞིན་པ། དགེ་བཤེས་ལྷག་རྡོར་ལགས་ཀྱིས་སྲོལ་རྒྱུན་པར་ཤིང་གི་སྐོར་ངོ་སྤྲོད་གནང་བཞིན་པ།