གཙོ་ངོས། / འཛིན་སྐྱོང་།

འཛིན་སྐྱོང་།

རྗེས་མ། སྔོན་མ།
 
རྗེས་མ། སྔོན་མ།

འཛིན་སྐྱོང་།

བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལྷན་ཚོགས་སུ་རྒྱ་གར་རིག་གཞུང་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་གི་འཐུས་ཚབ་གཉིས་བཅས་ཁྱོན་ཚོགས་མི་དགུ་ཡོད། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༥ བར་དུ་ཚོགས་གཙོའི་མཛད་འགན་བཞེས་ཤིང་། ད་ཆར་འཛིན་སྐྱོང་ལྷན་ཚོགས་ཀྱི་ཁྲི་པའི་མཚན་གནས་སུ་བཞུགས་ཡོད། ཚོགས་མི་གཞན་བདུན་པོ་ནི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སྐོར་དང་སྦྲགས་འགན་འཛིན་ལྷན་ཚོགས་ནས་བསྐོ་བཞག་བྱ་རྒྱུ་དང་། འགན་འཛིན་ལྷན་ཚོགས་ཀྱིས་བོད་ཀྱི་དཔེ་མཛོད་ཁང་གི་ཁྱོན་ཡོངས་ཀྱི་ལས་དོན་སྒྲུབ་ཕྱོགས་དང་འཛུགས་སྐྲུན་གནང་ཕྱོགས་སོགས་ཀྱི་ཐོག་ལམ་སྟོན་ཞུ་མུས་ཡིན། འཛིན་སྐྱོང་སྡེ་ཚན་གྱི་ལས་འགན་ནི། དཔེ་མཛོད་ཀྱི་ལས་རིམ་སྤྱི་དང་། འབྲེལ་ཡོད་ལས་བྱེད་དང་འབྲེལ་བའི་བྱེད་སྒོ། དཔྱ་དངུལ་བསྡུ་ལེན། འགྲོ་གྲོན་དང་སྔོན་རྩིས་གནང་ཕྱོགས། བདེ་འཇགས། ལས་ཤག ཨར་ལས་གསར་རྒྱག གློག་ཀླད་དང་འབྲེལ་བའི་བྱེད་སྒོ་སོགས་ལ་གཟིགས་ཞིབ་དང་། ཉམས་ཞིབ་པ་དང་སློབ་ཕྲུག་ཐོ་འགོད་གནང་རྒྱུ་སོགས་ཀྱིས་མཚོན་ལས་དོན་མང་དག་ཅིག་སྒྲུབ་བཞིན་ཡོད། འཛིན་སྐྱོང་སྡེ་ཚན་གྱིས་བོད་ཀྱི་དཔེ་མཛོད་ཁང་དང་འབྲེལ་བའི་རྒྱལ་ཕྱི་ནང་གི་བགྲོ་གླེང་ཚོགས་འདུ་དང་། ཟབ་སྦྱོང་གོ་སྒྲིག་གནང་རྒྱུ་སོགས་ལའང་ལྟ་ཞིབ་གནང་བཞིན་པ་རེད།

བོད་ཀྱི་དཔེ་མཛོད་ཁང་ནས་ཤེས་ཡོན་དང་རིག་གཞུང་བརྗེ་ལེན་གྱི་ལས་རིམ་མང་དག་ཅིག་སྤེལ་བཞིན་པའི་ཁྲོད་ནས་འདས་པའི་ལོ་ཤས་ནང་རྒྱལ་སྤྱིའི་ཤེས་ཡོན་བསྟི་གནས་ཁང་མང་པོ་དང་ལྷན་ཤེས་ཡོན་བརྗེ་ལེན་གྱི་གྲོས་མཐུན་བཞག་ཐུབ་པ་བྱུང་ཡོད། བོད་ཀྱི་དཔེ་མཛོད་ཁང་གིས་ལས་རིམ་སྣ་མང་སྤེལ་བཞིན་པ་དང་དེ་དག་དབྱར་མཚོ་ལྟར་རྒྱས་བཞིན་པ་འདིས་བསྟི་གནས་ཁང་འདིའི་གཞི་རྒྱ་ཆེ་བའི་དམིགས་ཡུལ་དང་དེ་སྒྲུབ་པའི་ཆོད་སེམས་སོགས་མཚོན་པར་བྱེད།

སྡེ་ཚན་འགན་འཛིན།

 


མཚན།  ངག་དབང་ཡེ་ཤེས།
གློག་འཕྲིན།  gs(at)tibetanlibrary.org