གཙོ་ངོས། / བོད་ཀྱི་དུས་དེབ།

བོད་ཀྱི་དུས་དེབ།

དཔེ་མཛོད་ཁང་གི་བོད་ཀྱི་དུས་དེབ་ནི། དབྱིན་ཡིག་ནང་ལོ་རེར་ཐེངས་བཞི་འདོན་ཞིང་ཕྱི་ལོ་ ༡༩༧༥ ལོར་ ཐོག་མར་དཔར་སྐྲུན་ཞུས། དེ་ཡང་དཔེ་དེབ་བསྐྱར་ཞུ་བྱེད་པ་སོགས་བོད་ཀྱི་ལོ་རྒྱུས་དང༌། སྒྱུ་རྩལ། ལྟ་གྲུབ། རྩོམ་རིག སྐད་ཡིག་བཅས་ཀྱི་སྐོར་ལ་སྤེལ་གྱི་ཡོད། དབུས་བོད་མིའི་སྒྲིག་འཛུགས་དང༌། ཁྲིམས་ལུགས། ཁ་ཆེའི་སྤྱི་ཚོགས། རི་མོའི་སྒྱུ་རྩལ་ལྟ་བུའི་ཐོག་བརྗོད་བྱ་རྐྱང་པ་ཁག་དམིགས་བསལ་དཔར་སྐྲུན་ཞུ་གི་ཡོད། དུས་དེབ་ནང་ད་དུང་གདོད་མ་ནས་ས་བབས་གནས་སྟངས་ཀྱི་ཆ་དང་བོད་ཀྱི་རིག་གཞུང་ལ་དགའ་ཞེན་ཆེ་བའི་བལ་ཡུལ་དང༌། འབྲུག སོག་པོ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ཁག་དང་འབྲེལ་བའི་རྩོམ་རིག་སྤེལ་གྱི་ཡོད།.