གཙོ་ངོས། / ནང་ཆོས་ལྟ་གྲུབ་ཀྱི་འཛིན་གྲྭ།

ནང་ཆོས་ལྟ་གྲུབ་ཀྱི་འཛིན་གྲྭ།

རྗེས་མ། སྔོན་མ།
རྗེས་མ། སྔོན་མ།

ནང་ཆོས་ལྟ་གྲུབ་ཀྱི་འཛིན་གྲྭ།

བོད་ཀྱི་དཔེ་མཛོད་ཁང་ནས་ཉིན་ལྟར་ནང་དོན་རིག་པའི་གཞུང་ལུགས་སློབ་ཁྲིད་བྱས་པ་བརྒྱུད་གཞི་དངོས་པོའི་གནས་ལུགས་ཤེས་རྟོགས་དང་། ཉིན་རེའི་འཚོ་བའི་ཁྲོད་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུར་ཕན་ཐོགས་ཡོང་གི་ཡོད།
འདི་གའི་དཔེ་ཁྲིད་ལྟ་གྲུབ་དགེ་རྒན་རྣམས་ནི་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ལ་གཅིག་ཏུ་གཞོལ་བཞིན་པའི་དགེ་བའི་བཤེས་གཉེན་ཚད་ལྡན་ཤ་སྟག་ཡིན། དཔེ་ཁྲིད་སྐབས་ཕྱི་རྒྱལ་སློབ་ཕྲུག་ཚོའི་ཆེད་དུ་གསུང་སྒྱུར་གྱི་མཐུན་རྐྱེན་ཡང་ཡོད།
དེ་ཡང་འཕགས་བོད་མཁས་པས་མཛད་པའི་བཀའ་བསྟན་ལ་གཞི་བཅོལ་ཏེ་ནང་པའི་ལྟ་སྒོམ་སྤྱོད་གསུམ་དང་འབྲེལ་བའི་བརྗོད་བྱ་སྙིང་པོ་ཁག་སློབ་ཁྲིད་གནང་བཞིན་ཡོད།
ཉིན་ལྟར་འཛིན་གྲྭའི་དུས་ཡུན་སྐར་མ་བཅོ་ལྔ་ཙམ་གྱི་རིང་སྒོམ་ཁྲིད་གནང་བཞིན་ཡོད་ཅིང་། རེས་གཟའ་ལྷག་པ་གང་ཡིན་ལ་རིག་ལམ་སློབ་ཁྲིད་གནང་མུས་ཡིན།

མཆན། འཛིན་གྲྭའི་དུས་ཚོད་ནི་༸གོང་ས་མཆོག་གི་གསུང་ཆོས་དང་སྟབས་བསྟུན་གྱིས་འགྱུར་བ་འགྲོ་སྲིད་པས་དེ་ལྟ་བུའི་འགྱུར་བ་བྱུང་ཚེ་སྔོན་ཚུད་ནས་གསལ་བསྒྲགས་བྱེད་ཀྱི་ཡོད། རེས་གཟའ་སྤེན་པ། རེས་གཟའ་ཉི་མ། དེ་བཞིན་གཞུང་འབྲེལ་གུང་སེང་ནམ་ཡིན་ལ་འཛིན་གྲྭ་མེད། སྐབས་རེ་ལས་དོན་གཞན་གྱི་རྐྱེན་པས་འཛིན་གྲྭ་འཚོགས་མི་ཐུབ་པའམ་དུས་ཚོད་ཕྱི་སྣུར་སོགས་བྱེད་སྲིད་པས་དོན་གཉེར་ཅན་གྱི་སློབ་ཕྲུག་ཚོས་བོད་ཀྱི་དཔེ་མཛོད་ཁང་དུ་མ་བཅར་གོང་སློབ་དུས་གཏན་འཁེལ་ཡོང་སླད་ངེས་པར་དུ་འདི་གའི་ལས་ཁུངས་སུ་ཁ་པར་པར་གློག་འཕྲིན་གཏོང་དགོས། ཡང་ན་དྲ་རྒྱའི་ཁ་བྱང་ tibetanlibrary.org འདིར་གཟིགས་ཞིབ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། འདི་ལོའི་དབྱར་ཁའི་གུང་སེང་ནི། ཕྱི་ཟླ་ བདུན་པའི་ ཚེས་ ༡༤ ནས་ཕྱི་ཟླ་བདུན་པའི་ ཚེས་ ༣༡ བར་དང་། དགུན་ཁའི་གུང་སེང་ནི་ ཕྱི་ཟླ་ ༡༢ ཚེས་ ༡༣ ནས་འགོ་འཛུགས་བྱེད་ཀྱི་ཡོད།

འདི་ལོའི་འགྱུར་བ་གལ་ཆེན་ཁག

  • འདི་ལོ་ནས་བཟུང་འཛིན་གྲྭའི་སྟ་གོན་དུ་རྒྱུས་སྟོན་མཛད་སྒོ་ཞིག་འཚོགས་འཆར་ཡོད་ན་སློབ་ཕྲུག་ཚང་མ་ཕྱི་ཟླ་ ༣ ཚེས་ ༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠།༠༠ ཐོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ངེས་ཕེབས་ཡོང་བ་ཞུ།
  • འདི་ལོ་བཟུང་འདི་གར་ནང་ཆོས་ལྟ་གྲུབ་ལ་སློབ་གཉེར་གནང་མཁན་མཆིས་སོ་ཅོག་འཛིན་གྲྭའི་འབྱོར་ཐོ་བརྒྱ་ཆ་ ༨༠% ལོན་ཚེ་ཐུན་མཇུག་ཏུ་བོད་ཀྱི་དཔེ་མཛོད་ཁང་ནས་བསླབ་པ་ཐར་སོན་གྱི་ཕྱག་ཁྱེར་བསྩལ་རྒྱུ།
  • སློབ་ཐུན་གྱི་མཇུག་ཏུ་བོད་ཀྱི་དཔེ་མཛོད་ཁང་གི་སློབ་ཕྲུག་ཡོངས་ཚང་འཛོམས་ཐོག་འཆད་ཁྲིད་གྲུབ་པའི་གཏང་རག་ཏུ་མཇུག་སྡོམ་མཛད་སྒོ་འཚོགས་རྒྱུ།