གཙོ་ངོས། / ནང་ཆོས་འཛིན་གྲྭ་དང་པོ།-དགེ་བཤེས་རྒྱལ་མཚན་ཚེ་རིང་།

ནང་ཆོས་འཛིན་གྲྭ་དང་པོ།-དགེ་བཤེས་རྒྱལ་མཚན་ཚེ་རིང་།

རྗེས་མ། སྔོན་མ།
རྗེས་མ། སྔོན་མ།

ནང་ཆོས་འཛིན་གྲྭ་དང་པོ།

དུས་ཚོད། སྔ་དྲོ་ཚོུད་ ༩།༠༠ ནས་ ༡༠།༡༥ བར།
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།
སློབ་ཁྲིད་པ། དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས།

ལམ་རིམ་ཆེན་མོ་མཛད་པ་པོ་དགེ་ལྡན་བསྟན་པའི་སྲོལ་འབྱེད་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ཞིང་། གཞུང་དེའི་ནང་འགོ་བཤེས་གཉེན་བསྟེན་ཚུལ་ནས་མཐར་མི་སློབ་པའི་ཟུང་འཇུག་གི་བར་གང་ཟག་ཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཆ་ཚང་མ་ནོར་བར་བསྟན་ཡོད། བྱང་ཆུབ་ལམ་རིམ་ཆེན་མོ་ནི་ཇོ་བོ་རྗེའི་གསུང་བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་ལྟ་བུ་ཡིན་ཞིང་། རྗེ་རིན་པོ་ཆེས་མཛད་པའི་གཞུང་གྲགས་ཆེ་ཤོས་ཤིག་ཀྱང་ཡིན།

འདི་ལོ་དགེ་བཤེས་ལགས་ཀྱིས་ལམ་རིམ་ཆེན་མོའི་སྐྱེས་བུ་ཆེན་པོའི་ཆོས་སྐོར་ལས་བརྩམས་ཏེ་གཤམ་ཁོད་བརྗོད་བྱ་ལྟར་འཁྲིད་གནང་གི་རེེད།

ཕྱི་ཟླ་ ༣ ཚེས་ ༡ ནས་ཕྱི་ཟླ་ ༧ ཚེས་ ༡༣ བར།

  • ཞི་གནས་ཀྱི་ཚོགས་བསྟེན་པ།
  • ཞི་གནས་སྒོམ་ཚུལ།
  • བྱིང་རྒོད་སྤོང་ཕྱིར་ཏུ་མི་རྩོལ་བའི་གཉེན་པོ་བསྟེན་པ།
  • བསྒོམས་པས་ཞི་གནས་གྲུབ་པའི་ཚད།
  • ཞི་གནས་ལ་བརྟེན་ནས་ལམ་བགྲོད་པའི་ཚུལ་སྤྱིར་བསྟན་པ།
  • ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ།

ཕྱི་ཟླ་ ༨ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༡༢ བར།

  • རིགས་པའི་དགག་བྱ་ངོས་བཟུང་བ།
  • རྟེན་འབྲེལ་དང་སྟོང་ཉིད་ཀྱི་རྣམ་གཞག
  • དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་མི་སྦྱོར་བཤད་པ།
  • ཐལ་རང་གི་ཁྱད་པར།
  • ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་གཏན་ལ་དབབ་པ།
  • ཞི་ལྷག་དེ་གཉིས་ཟུང་དུ་འབྲེལ་བའི་ཚུལ།

ཟུར་བལྟའི་ཕྱག་དཔེ།

  • བྱང་ཆུབ་ལམ་རིམ་ཆེན་མོ། རྗེ་རིན་པོ་ཆེ།
  • བྱང་ཆུབ་ལམ་སྒྲོན་དང་དེའི་འགྲེལ་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། དགེ་བཤེས་བསོད་ནམས་རིན་ཆེན་གྱི་འགྲེལ་པ།
  • ལམ་རིམ་རྣམ་གྲོལ་ལག་བཅངས། སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ།
  • རྗེ་ཙོང་ཁ་པའི་རྣམ་ཐར་དང་གསུང་རྩོམ། སློབ་དཔོན་བྷོབ་། ཐར་མན།
  • ལམ་རིམ་གསེར་ཞུན་མ། རྒྱལ་དབང་བསོད་ནམས་རྒྱ་མཚོ། འབུམ་རམས་པ་མཆོག་བསྟན་འཛིན་སྨོན་ལམ་གྱིས་བསྒྱུར།
  • ལམ་གཙོ་རྣམ་གསུམ་གྱི་འགྲེལ་པ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག དགེ་བཤེས་ལྷག་རྡོར་དང་ཇེར་མེ། རཱ་སེལ་གཉིས་ཀྱིས་བསྒྱུར།
  • ཀུན་བཟང་བླ་མའི་ཞལ་ལུང་། རྫ་དཔལ་སྤྲུལ་རིན་པོ་ཆེ།
  • དྭགས་པོ་ཐར་རྒྱན། རྗེ་སྒམ་པོ་པ། མཁན་པོ་དཀོན་མཆོག་རྒྱལ་མཆན་གྱིས་བསྒྱུར།
  • ལམ་རིམ་རྣམ་གྲོལ་ལག་བཅངས། སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ།
  • ལམ་རིམ་གསེར་ཞུན་མ། རྒྱལ་དབང་བསོད་ནམས་རྒྱ་མཚོ།
  • དམ་པའི་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན། རྗེ་སྒམ་པོ་པ་བསོད་ནམས་རིན་ཆེན།
  • ལམ་གཙོ་རྣམ་གསུམ་གྱི་འགྲེལ་པ། ༸གོང་ས་མཆོག
  • ཀུན་བཟང་བླ་མའི་ཞལ་ལུང་། རྫ་དཔལ་སྤྲུལ་རིན་པོ་ཆེ།