གཙོ་ངོས། / དམིགས་བསལ་ནང་ཆོས་ལྟ་གྲུབ་ཀྱི་འཛིན་གྲྭ།

དམིགས་བསལ་ནང་ཆོས་ལྟ་གྲུབ་ཀྱི་འཛིན་གྲྭ།

རྗེས་མ། སྔོན་མ།
རྗེས་མ། སྔོན་མ།

དམིགས་བསལ་ནང་ཆོས་ལྟ་གྲུབ་འཆད་ཁྲིད།

འདི་ལོར་བོད་ཀྱི་དཔེ་མཛོད་ཁང་ནས་ཟླ་རེའི་ཉིན་གསུམ་དམིགས་བསལ་འཆད་ཁྲིད་གོ་སྒྲིག་གནང་ནས་ལོ་གསུམ་ཟིན་ཡོད། ལས་རིམ་འདི་ནི། གངས་ཅན་སྐྱིད་གཤོངས་དུ་གནས་བཞུགས་ཡུལ་མི་སྤྱི་དང་ལྷག་པར་དབུས་བོད་མིིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཚོར་ཆེད་དུ་དམིགས་པ་ཞིག་ཡིན་ཡང་། དོན་གཉེར་ཅན་སུ་ཞིག་ཕེབས་ཀྱང་འཐུས། འཆད་ཁྲིད་འདི་ནི་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་ལྟ་གྲུབ་རྒན་རྣམ་པ་གཉིས་བཅས་རེས་མོས་ཀྱིས་འཆད་ཁྲིད་གནང་བཞིན་ཡོད། ལས་རིམ་འདིའི་དམིགས་ཡུལ་ནི་འཆད་ཁྲིད་བྱ་རྒྱུ་ཙམ་མ་ཡིན་པར་ཚོགས་བཅར་བ་ཕན་ཚུན་དབར་བགྲོ་གླེང་གི་ས་ཁོངས་ཤིག་ཀྱང་ཡིན། འཆད་ཁྲིད་ཀྱི་གསལ་བརྡ་དངོས་གཞི་གཟའ་འཁོར་གཅིག་གི་སྔོན་དུ་སྤེལ་རྒྱུ།