གཙོ་ངོས། / ཁོར་ཡུག་ཚོགས་ཆུང་།

ཁོར་ཡུག་ཚོགས་ཆུང་།

རྗེས་མ། སྔོན་མ།
རྗེས་མ། སྔོན་མ།

ཁོར་ཡུག་ཚོགས་ཆུང་།

བོད་ཀྱི་དཔེ་མཛོད་ཁང་གི་ཁོར་ཡུག་ཚོགས་ཆུང་ནི་དཔེ་མཛོད་ཉེ་འཁྲིས་སུ་གནས་སྡོད་བྱེད་བཞིན་པ་དང་། དཔེ་མཛོད་ལས་བྱེད་ལས་གྲུབ་པའི་དང་བླངས་ཚོགས་ཆུང་ཞིག་ཡིན། ཁོར་ཡུག་ཚོགས་ཆུང་འདི་ཕྱི་ལོ་
༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་གསར་འཛུགས་གནང་ཞིང་། ད་བར་ཁོར་ཡུག་གཙང་སྦྲའི་སླད་
ལས་གཞི་མང་དག་ཅིག་བསྒྲུབས་དང་སྒྲུབ་མུས་ཡིན། ཚོགས་ཆུང་འདིས་གཤམ་འཁོད་དམིགས་ཡུལ་གསུམ་ལ་གཞི་བཅོལ་གྱིས་ལས་དོན་སྒྲུབ་མུས་ཡིན།

དམིགས་ཡུལ་དང་དགོས་པ།

  • ཉིན་རེའི་འཚོ་བའི་ནང་འཕྲོད་བསྟེན་ལ་དོ་ཁུར་དགོས་པའི་སྐུལ་འདེད་བྱ་རྒྱུ།
  • རང་བྱུང་སྐྱེ་ཁམས་ལ་བདག་སྐྱོང་དགོས་པའི་ལམ་སྟོན་བྱ་རྒྱུ།
  • བསམ་བློ་ཆེ་ས་ནས་བཏང་སྟེ་ལག་ལེན་ཆུང་ས་ནས་སྒྲུབ་རྒྱུའི་གོ་སྐབས་བསྐྲུན་རྒྱུ།
  • བོད་ཀྱི་དཔེ་མཛོད་ཁང་གི་ཁོར་ཡུག་དང་འབྲེལ་བའི་ལས་གཞི་ཁག་ལ་ཆ་ཤས་ལེན་རྒྱུའི་གཞེན་སྐུལ་བྱ་རྒྱུ།

ལས་དོན།

  • གད་སྙིགས་སྟེར་ཚོང་མ་ལག་གིས་འཕྲོད་བསྟེན་དང་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོད་སྐོར་དཔྱད་ཞིབ་བྱ་རྒྱུ།
  • སྤྱི་ཚོགས་གསར་ཤོག་དང་དུས་དེབ་ཁག་ཏུ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རྩོམ་ཡིག་སྤེལ་རྒྱུ།
  • གཞི་རྒྱ་ཆེ་བའི་ཟབ་སྦྱོང་སོགས་གོ་སྒྲིག་བྱ་རྒྱུ།
  • ཁོར་ཡུག་དང་འབྲེལ་བའི་སྙན་ཐོ་དང་གནས་ཚུལ་སོགས་གང་མང་མཁོ་སྤྲོད་བྱ་རྒྱུ།
  • ཁོར་ཡུག་སྲུང་སྐྱོབ་དང་གཙང་ཉར་བྱ་ཐབས་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ།
  • རྒྱལ་སྤྱིའི་ཁོར་ཡུག་དང་འབྲེལ་བའི་དུས་སྟོན་ཁག་སྲུང་བརྩི་ཞུ་རྒྱུ།

སློབ་སྟོན་ཚོགས་ཆུང་།

  • དགེ་བཤེས་ལྷག་རྡོར། (འགན་འཛིན།)
  • ངག་དབང་ཡེ་ཤེས།(སྤྱི་ཁྱབ་དྲུང་ཆེ།)

འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི།
༡   ཡེ་ཤེས་བཀྲིས། ཚོགས་གཙོ།
༢   བཀྲ་ཤིས་ཚེ་རིང་། ཚོགས་གཞོན།
༣   བློ་བཟང་ཆོས་འཕེལ།
༤   ཚེ་རིང་ནོར་བུ།
༥   ཆོས་དར།
༦   ནོར་འཛོམས་ཚེ་རིང་།
༧   བསྟན་འཛིན་དཔལ་སྒྲོན།
༨   པ་སངས་ཚེ་རིང་།
༩   ཕུར་བུ་ཚེ་རིང་།
༡༠   ཝི་ཇེ་ཀུ་མར།

སློབ་སྟོན་པ།

༡   ཌོཀ་ཊར། ཨཱ་ན། ཨེ་ལོམ།
དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་འཁྲུངས་ཤིང་ད་ཆེ་ཨོ་གླིང་དུ་བཞུགས་མུས་ཡིན། ཁོང་ནི་འཚེ་བའི་བྱ་སྤྱོད་ལ་སྔོན་འགོག་དང་བྱམས་བརྩེ་གོང་སྤེལ་ཆེད་གཞོལ་བཞིན་པའི་ལྟ་གྲུབ་སྨྲ་བ་ཞིག་ཡིན། ཁོང་གིས་འདས་པའི་ལོ་ཉི་ཤུ་རྩ་ལྔའི་རིང་མཛེས་སྡུག་ལྡན་པའི་རྩི་ཤིང་འདེབས་འཛུགས་དང་འབྲེལ་བའི་ཕྱག་ལས་གནང་ཡོད།

འབྲེལ་མཐུད་གློག་འཕྲིན་ཁ་བྱང་།  alomes.anna(at)gmail.com

༢   འབུམ་རམས་པ། སཱོ་ཧྥི། ཁར་ལར།
ད་ལྟའི་ཆར་སུ་ཌན་དུ་བརྟན་གཞི་བྱས་པའི་བཟོ་ལས་ལྷན་ཚོགས་ཀྱི་ཁོར་ཡུག་དོ་དམ་པའི་ཕྱག་ལས་གནང་མུས་ཡིན་ཞིང་། ཁོག་གི་ཕྱག་ལས་གཙོ་ཆེར་ཆུ་དང་། རྫས་སྦྱོར། སྐྱེ་ལྡན་སྣ་མང་རང་བཞིན་སོགས་དང་འབྲེལ་བ་ཡོད་པ་དག་ཡིན།
འབྲེལ་མཐུད་གློག་འཕྲིན་ཁ་བྱང་།  sophie_carler(at)hotmail.com